A word of warning
If you have experienced sexual abuse, or if you are disturbed by reading these accounts – please talk to someone. Help is available from sexual abuse counselors and other therapists wherever you are.
ཉེན་བརྡ།
ཀུན་གྱིས་ཤེས་རྒྱུ་ཞིག་ལ་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བཤུ་གཞོག་ནི་ནག་ཉེས་བཟོ་མཁན་གྱི་སྐྱོན་ཁོ་ན་ཡིན་པ་ལས་གནོད་འཚེ་ཕོག་པའི་མིའི་སྐྱོན་མིན་པ་ཤེས་དགོས། དེ་བས་གནོད་འཚེ་ཕོག་པའི་མི་ལ་སྐྱོན་བརྗོད་དང་ཁྱད་གསོད་སོགས་མི་བྱེད་རྒྱུ་ནི་གལ་ཆེའོ། རྨ་ཁ་གསོ་ཕྱིར་གནོད་འཚེ་ཕོག་ཟིན་པའི་མི་ཡིས་གང་ལ་གང་འཚམ་གྱི་རོགས་རམ་འཚོལ་རོགས།
Public Statement
Kevin Stuart (also known as Charles Kevin Stuart) is a US citizen and English teacher who has lived in China since the late 1980s. He has been accused of multiple accounts of grooming, sexual exploitation and abuse, including rape, by several of his former students. Some of them were minors at the time of these accusations. Testimonies of the accusations against Kevin Stuart are provided below.
Most of Kevin Stuart’s alleged victims were Tibetans, and for many Tibetans in China, these accusations are a public secret. We write to affirm publicly that these accusations are seen and known.
We have first-hand knowledge of how Kevin Stuart exploited the vulnerability of the alleged victims by controlling access to life-changing opportunities, through activities like volunteer teaching, personal mentorship, facilitating opportunities to study abroad, and assisting in projects to alleviate poverty. These were done to win trust and gain access, not to help. We are making this statement because various attempts to seek formal justice on behalf of the victims have failed. We want justice and healing for victims. We are also concerned that these alleged abuses may be continuing.
Our statement is anonymous because Kevin Stuart has previously retaliated against people who speak publicly about this. He has worked relentlessly to ruin people’s careers and reputations, causing significant suffering.
Testimonies
- Once, Kevin held me down and kissed me. I didn’t know what he was doing. He did it often and gradually I got used to it. One day when he held me down, there was a sudden and unexpected pain in my anus. Kevin took me to an expensive restaurant later. He told me that I should consider it an honor to be his lover.
- My friend told me that Kevin had rubbed facial cream all over him, including his genitals. Kevin also had anal sex with him, and he cried during it. After the first time, Kevin told my friend that he’d be able to study abroad if he continued their relationship.
- Kevin paid for my university tuition and other stuff. I had to let him cum in my anus and that kind of thing. It was disgusting. One night, Kevin sent all the other students away, and then he got very drunk. He was very sad and almost crying. He said that no one ever asked him what he needs, and they just come to him and tell him what they need. He told me was lonely and culturally isolated.
- Soon after I arrived to teach at the university with Kevin, some students told me about what was going on. Kevin would take students to the sauna and ask them to give him massages. Students would sleep at his apartment and he would sit next to them while they slept, and sometimes touched their genitals. Students who had sex with him or engaged in sex acts would get good grades, study opportunities, or accommodation. Since many students were from poor families, these opportunities were very important to them.
- He was raped by one of Kevin’s students. That student raped others as well. Later, Kevin helped him to study abroad.
- One time I slept on the couch at Kevin’s apartment. I woke up in the middle of the night with Kevin’s hand under the blanket, on my genitals. I was alarmed and he took his hand away. The next day he lectured all of us about the importance of reciprocity, and said we were all receiving a lot of help from him and that meant that we would have to give something back. I knew that he meant me. I was worried about what would happen if I refused him again.
- It happened to me but I just want to get on with my life. I have suffered enough.
- Kevin asked my friend to cuddle with him several times. He said was just cuddling, but he also felt pressured to take it further. He thinks other students were definitely asked to do more than cuddle.
- It happened to me when I was a student, and has followed me since then – I can’t get away from it. I spoke to other people who were abused and they just said, “It’s no big deal.”
- He would use any excuse to get us to do sexual things.
- I got very drunk at Kevin’s house and passed out. When I woke up I was naked. Another student had all my clothes. I don’t know what happened while I was passed out.
- Kevin molested me numerous times. I had to meet with Kevin in his apartment in the evenings. One night he asked me to come into his room and rub him with lotion, and then he molested me. It was horrible. I really suffered, and wanted to quit. But, I thought about how much my family would have to pay. Once, when Kevin was having sex with me, his phone rang. He just unplugged it and kept going.
NB: Testimonies were collected by several different people from 2010 to 2017, via phone, online, and in person. Details in the testimonies have been scrambled to protect people’s identities and to avoid retraumatizing victims: identifying information has been removed, elements of some testimonies have been split into separate testimonies, and sometimes first, second, and third person perspectives have been changed. The essential nature of the events and victims’ reactions have not been altered.
གསལ་བསྒྲགས་ཡི་གེ
ཁེ་ཝོན་སུ་ཐོར་ཡ་ཐིའམ་དགེ་རྒན་ཁེ་ཝོན་ནི་ཨ་མེ་རི་ཁའི་སྤྱི་དམངས་ཡིན། གཅིག་དགུ་བརྒྱད་བཅུའི་མཇུག་ནས་གཟུང་ཁོ་ཀྲུང་གོ་རྒྱལ་ཁབ་ན་གནས་བསྡོད་བྱས་ཡོད། ཁོའི་སྔོན་གྱི་སློབ་མ་སྐོར་ཞིག་གིས་ཁེ་ཝོན་གྱིས་ཁོ་ཚོར་ཐེངས་མང་པོར་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བཤུ་གཞོག་བྱས་ཡོད་པའི་ནག་ཉེས་སྐྱོན་འཛུགས་བྱས་པ་རེད། གནོད་འཚེ་ཕོག་ཡུལ་གྱི་སློབ་མ་འགའ་སྐབས་དེར་ན་ཚོད་མ་ལོངས་བའི་སློབ་མ་རེད། ནག་ཉེས་སྐྱོན་འཛུགས་བྱས་པའི་བདེན་དཔང་ཚིག་ཐོ་དག་གཤམ་དུ་བཀོད་ཡོད།
གནོད་འཚེ་ཕོག་ཡུལ་གྱི་སློབ་མ་མང་ཆེ་བ་བོད་ནང་གི་བོད་ཀྱི་སློབ་མ་རེད། ཁེ་ཝོན་གྱི་སློབ་མ་དག་ལ་མཚོན་ན་ཁོའི་ནག་ཉེས་འདི་དག་ནི་ཡོངས་གྲགས་ཀྱི་གསང་བ་རུ་གྱུར་འདུག། ང་ཚོར་ཁེ་ཝོན་གྱི་ནག་ཉེས་ཀྱི་བྱ་སྤྱོད་འདི་དག་ལ་གསལ་ཆ་ཡོད་པས་ནག་ཉེས་སྐྱོན་འཛུགས་འདི་དག་བདེན་པ་ཡིན་པར་གསལ་བསྒྲགས་བྱས་པ་ཡིན།
ཁེ་ཝོན་གྱིས་ཆ་རྐྱེན་ཞན་པ་དང་གཉོམ་ཆུང་སློབ་མ་དག་ལ་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བཤུ་གཞོག་བྱ་ཐབས་གཙོ་བོ་རིགས་འགའ་འདུག དེ་ནི་སློབ་མ་དག་གི་མི་ཚེ་ཁ་ཕྱོགས་བསྒྱུར་ཐུབ་པའི་གོ་སྐབས་དབང་སྒྱུར་དང་ཚོད་འཛིན་བྱས་པ་རེད། དཔེར་ན། དྭང་བླངས་སློབ་ཁྲིད་ཀྱི་གོ་སྐབས། སྒེར་གྱི་དཔེ་ཁྲིད། ཕྱི་རྒྱལ་ལ་སློབ་གཉེར་བྱེད་དུ་འགྲོ་བའི་གོ་སྐབས། དབུལ་འཕོང་སེལ་བའི་ལས་གཞི་ལ་རོགས་རམ་བྱེད་རྒྱུ་སོགས་འདུག ཁོས་སྒྲུབ་པའི་ལས་ཀ་འདི་ཡོད་ཚད་སློབ་མ་དག་ལ་འཁྲིག་སྤྱོད་ཀྱི་བཤུ་གཞོག་བྱེད་ཆེད་ཡིན་པ་ལས་རོགས་རམ་བྱེད་རྒྱུའི་དམིགས་ཡུལ་མ་རེད།
ང་ཚོའི་གསལ་བསྒྲགས་ཡི་གེ་འབྲི་མཁན་གྱི་མིང་བཀོད་མེད་པའི་རྒྱུ་མཚན་ནི་ཁེ་ཝོན་གྱིས་སྔོན་ལ་ཁོའི་ནག་ཉེས་ཕྱི་ལ་སྒྲོག་མཁན་གྱི་མི་ལ་དགྲ་ཤ་དང་འཁོན་ལན་སློག་ཡོད་པས་ཡིན། ཁོས་སྙིང་རྗེ་ཅི་ཡང་མེད་པའི་སྒོ་ནས་ཁོའི་ནག་ཉེས་ཕྱི་ལ་སྒྲོག་མཁན་གྱི་མི་དག་གི་མི་ཚེའི་བྱ་གཞག་དང་མཚན་སྙན་སོགས་ལ་ཕོག་ཐུག་དང་རྡོག་བརྫིས་བཏང་མྱངས་ལ། དེ་དང་ཞོར་དུ་སྡུག་བསྔལ་མང་པོ་ཞིག་ཀྱང་སྤྲད་མྱངས།
ང་ཚོས་ཁེ་ཝོན་གྱི་ནག་ཉེས་འདི་ལྟར་གསལ་བསྒྲགས་བྱེད་པའི་རྒྱུ་མཚན་ནི་སྔོན་ལ་ང་ཚོས་བདེན་པའི་ཆེད་དུ་རྒྱུན་སྲོལ་གྱི་འགྲོ་ལུགས་ཤིག་བཙལ་རྩིས་བྱས་མོད་རྒྱལ་ཁ་ཅི་ཡང་མ་ཐོབ། ང་ཚོའི་དམིགས་ཡུལ་ནི་གནོད་འཚེ་ཕོག་པའི་སློབ་མ་ཚོར་དྲང་བདེན་ཡོང་བ་དང་རྨ་ཁ་བཟོས་བ་དག་ཕྱིར་གསོ་ཕྱིར་ཡིན། ང་ཚོའི་སེམས་ཁྲེལ་ཆེས་ཆེ་ས་ནི་ཁེ་ཝོན་གྱི་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བཤུ་གཞོག་དག་ད་ལྟ་ད་དུང་ཡང་བྱུང་དང་འབྱུང་བཞིན་ཡོད་ངེས་པ་དེ་རེད།
གནོད་འཚེ་ཕོག་པའི་མིའི་བདེན་དཔང་ཚིག་ཐོ།
- ཐེངས་ཤིག་ཁེ་ཝོན་གྱིས་ང་མར་ལ་མནན་ནས་ཁ་སྐྱེལ་བྱུང་། ངས་ཁོས་ཅི་ཞིག་ལས་གྱིན་ཡོད་པ་མ་ཤེས། རིམ་བཞིན་ཁོས་ང་ལ་ནམ་རྒྱུན་ཁ་སྐྱེལ་པས་ང་ཡང་ཅུང་གོམས་སོང་། ཉིན་ཞིག་ཁོས་ང་མར་མནན་ནས་འདུག་སྐབས་བློ་ཡུལ་ལས་འདས་བ་ཞིག་ལ་ངའི་རྐུབ་ནང་ལ་གློ་བུར་དུ་ཟུག་རྔུ་དྲག་པོ་ཞིག་སྐྱེས་བྱུང་། དེའི་རྗེས་སུ་ཁེ་ཝོན་གྱིས་ང་ཟ་ཁང་རིན་གོང་མཐོན་པོ་ཅན་ཞིག་ལ་ཁྲིད་ནས་སོང་། ཁོས་བཤད་རྒྱུར་ང་ཁོའི་དགའ་རོགས་ཡིན་པས་ང་དགའ་ན་འགྲིག་ཟེར།
- ངའི་གྲོགས་པོས་བཤད་པ་ལྟར་ན་ཁེ་ཝོན་གྱིས་ཁོའི་ལུས་པོ་ཡོངས་ལ་ངོ་སྣུམ་ཕུར་བ་དང་དེ་ནས་ཁོའི་ཕོ་མཚན་ལུས་པོ་ཐོག་ལ་ཕུར། ཁེ་ཝོན་གྱིས་ད་དུང་ཁོའི་རྐུབ་ནང་ལ་འཁྲིག་སྤྱོད་བྱས་པ་དང་ཁོར་ཟུག་རྔུ་ལངས་ནས་ངུ་སྐད་ཤོར་སོང་ཟེར། དེ་ནས་ཐོག་དང་པོར་ཁེ་ཝོན་གྱིས་ངའི་གྲོགས་པོར་གལ་ཏེ་ཁོ་གཉིས་ཀྱི་འབྲེལ་བ་རྒྱུན་བསྐྱངས་ན་མ་འོངས་བར་ཁོ་ཕྱི་རྒྱལ་ལ་སློབ་གཉེར་བྱེད་དུ་འགྲོ་ཐུབ་ཟེར།
- ཁེ་ཝོན་གྱིས་ངའི་སློབ་ཆེན་གྱི་སློབ་ཡོན་དང་འགྲོ་སོང་གཞན་དག་སྤྲད། ཡིན་ན་ཡང་ཁོའི་དེ་ངའི་རྐུབ་ནང་ལ་ཡོང་གི་འཇོག་དགོས་བ་དང་། དེ་ནི་ངོ་མ་ཞེན་པ་ལོག་པ་ཞིག་རེད། དགུང་མ་ཞིག་ལ། ཁེ་ཝོན་གྱིས་སློབ་མ་གཞན་པ་དག་སྒོ་ལ་འགྲོ་རུ་བཅུག དེ་ནས་ཁོ་ཆང་གིས་ཧ་ཅང་བཟི དེ་ནས་ཁོ་སེམས་པ་ཧ་ཅང་སྡུག་ནས་ངུ་མགོ་བརྩམས། དེ་ནས་ཁོས་བཤད་རྒྱུར་མི་གཅིག་གིས་ཀྱང་ཁོ་ལ་ཅི་ཞིག་དགོས་བ་མི་འདྲི་བ་དང་ནམ་རྒྱུན་མི་དག་ཁོ་ཡོད་སར་ཡོང་ནས་ཁོ་ཚོར་ཅི་ཞིག་དགོས་བ་བཤད་ནས་འདུག་ཟེར། ཁོས་བཤད་རྒྱུར་ཁོ་ཧ་ཅང་ཁེར་རྐྱང་ཡིན་པ་སོགས་བཤད།
- ང་རང་ཁེ་ཝོན་དང་མཉམ་དུ་སློབ་ཁྲིད་བྱེད་དུ་ཡོང་ནས་ཅང་མ་འགོར་བར་སློབ་མ་འགས་དོན་དག་ཅི་ཞིག་བྱུང་བཞིན་པ་ང་ལ་བཤད་བྱུང་། ཁེ་ཝོན་གྱིས་སློབ་མ་ཚོ་སང་ན་ཁྲུས་ཁང་ལ་ཁྲིད་ནས་ཁོ་ལ་ཕུར་མཉེ་བྱེད་དུ་འཇོག སློབ་མ་ཚོ་ཁོའི་འདུག་ཁང་དུ་ཉལ་བ་དང་སྐབས་འགར་ཁོ་ཚོ་གཉིད་རྗེས་ཁེ་ཝོན་ཁོ་ཚོའི་གམ་དུ་བསྡད་ནས་ཕོ་མཚན་ལ་ཕུར་མཉེ་བྱེད་ཟེར། ཁོ་དང་མཉམ་དུ་འཁྲིག་སྤྱོད་བྱས་པའི་སློབ་མ་ཚོར་སྐར་གྲངས་མཐོན་པོ་རེག་པ་དང་། ཕྱི་རྒྱལ་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡང་རེག་པ་རེད། གཞན་ད་དུང་འདུག་ས་སོགས་རེག་པ་རེད། སློབ་མ་མང་ཆེ་བ་ཁྱིམ་ཚང་དབུལ་བོ་ནས་ཡོང་བ་ཡིན་པས་གོ་སྐབས་འདི་དག་ཁོ་ཚོར་མཚོན་ན་ཧ་ཅང་གཙོ་བོ་ཞིག་རེད།
- ཁོ་ལ་ཁེ་ཝོན་གྱི་སློབ་མ་ཞིག་གིས་བཙན་གཡེམ་བྱས་བ་དང་། སློབ་མ་དེ་ཡིས་སློབ་མ་གཞན་དག་ལ་ཡང་བཙན་གཡེམ་བྱས་པ་རེད། དེ་ནས། ཁེ་ཝོན་གྱིས་སློབ་མ་དེ་ལ་རོགས་བྱས་ནས་ཕྱི་རྒྱལ་དུ་སློབ་གཉེར་བྱེད་དུ་སོང་བ་རེད།
- ཐེངས་ཤིག་ང་ཁེ་ཝོན་གྱི་ཁང་བའི་ནང་གི་འབོལ་སྟེགས་སྟེང་ཉལ་བ་ཡིན། ནམ་གུང་ཞིག་ལ་ཁེ་ཝོན་གྱི་ལག་པ་ངའི་ཉལ་ཐུལ་གྱི་འོག་ནས་ངའི་ཕོ་མཚན་གྱི་སྟེང་ལ་བཞག་འདུག ང་གཉིད་དཀྲོག་ནས་དངསས་ཚུབ་ཞིག་ལངས། དེ་ནས་ཁོའི་ལག་པ་ཕྱིར་ལ་ཁྱེར་སོང་། ཕྱི་ཉིན་སློབ་ཁྲིད་སྐབས་ཁེ་ཝོན་གྱིས་ང་ཚོར་ཕན་ཚུལ་སྤྲོད་རེས་ཀྱི་གལ་ཆེན་རང་བཞིན་གླེང་བྱུང་། ཁོས་ད་དུང་འདི་ལྟར་བཤད་བྱུང་། ཁོས་ང་ཚོར་རོགས་རམ་མང་པོ་བྱེད་བཞིན་ཡོད་པས་ང་ཚོས་ཀྱང་ཁོ་ལ་རོགས་རམ་བྱེད་དགོས་བ་རེད་ཟེར། ཁོས་དེ་ལྟར་བཤད་དུས་ཁོས་ང་བཤད་བཞིན་ཡོད་པ་ངས་ཤེས་སོང་། ངས་ཁོ་དང་ལེན་མ་བྱས་ན་དོན་དག་ཅི་ཞིག་འབྱུང་བསམ་ནས་ང་ལ་སེམས་ཁྲལ་མང་པོ་སྐྱེས།
- བཙན་གཡམ་དང་འཁྲིག་སྦྱོར་གི་བཤུ་གཞོག་ང་ལ་ཡང་བྱས་མྱངས་། ཡིན་ན་ཡང་ངས་མི་མཐུད་དུ་འཚོ་བ་རོལ་པ་ཡིན། ང་ལ་སྡུག་བསྔལ་མི་དམན་པ་ཞིག་བཟོས་སོང་།
- ཁེ་ཝོན་གྱིས་ངའི་གྲོགས་པོ་ལ་གཤིབས་ཏེ་ཉལ་ནས་འཐམ་འཁྱུད་བྱེད་འདོད་ཟེར། འཐམ་འཁྱུད་ལས་གཞན་ཅི་ཡང་མི་བྱེད་ཟེར། དེ་མིན་ཁེ་ཝོན་གྱིས་ཁོ་ལ་གནོན་ཤུགས་སྤྲད་ནས་ད་དུང་མང་པོ་ལས་ཟེར། ངའི་གྲོགས་པོའི་བསམ་ཚུལ་ལྟར་ན་སློབ་གྲོགས་གཞན་པ་དག་ལ་འཐམ་འཁྱུད་ལས་གཞན་ཁེ་ཝོན་གྱིས་མང་པོ་ཞིག་ལས་ཡོད་ཟེར།
- ང་སློབ་མ་ཡིན་དུས་ཁེ་ཝོན་གྱིས་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བཤུ་གཞོག་བྱས་མྱངས་། དུས་དེ་ནས་གཟུང་དོན་དག་དེ་སེམས་ནས་དོར་མི་ཐུབ་གི ངས་འཁྲིག་སྤྱོད་བཤུ་གཞོག་བྱས་མྱངས་པའི་སློབ་མ་ཚོར་དུས་སྐོར་ནས་ཁ་བརྡ་བྱས་མོད་ཁོ་ཚོས་དེ་ནི་སྐྱོན་ཆེ་ཞིག་མ་རེད་ཟེར།
- ཁེ་ཝོན་གྱིས་ང་ཚོར་འཁྲིག་སྤྱོད་ཀྱི་བཤུ་གཞོག་བྱེད་ཆེད་ཁ་གཡར་ས་ཡར་མར་གཉིས་ཀ་བཀོད་སྤྱོད་བྱས་པ་རེད།
- ང་ཁེ་ཝོན་གྱི་ཁང་བའི་ནང་དུ་ཆང་གིས་བཟི། ང་གཉིད་ནས་སད་དུས་ང་གཅེར་བུར་བུད་འདུག སློབ་གྲོགས་གཞན་པ་ཞིག་གི་ལག་ན་ངའི་ལ་བ་ཡོད་ཚད་འདུག ང་བཟི་ནས་འདུག་སྐབས་དོན་དག་ཅི་ཞིག་བྱུང་བ་ངའི་ཡིད་ལ་མི་དྲན་གི
- ཁེ་ཝོན་གྱིས་ང་ལ་ཐུབ་ཚོད་དང་གནོད་འཚེ་མང་པོ་བྱས་མྱངས། ང་ཡིན་གཅིག་མིན་གཅིག་ཁོའི་ཁང་བའི་ནང་དུ་ཐུག་དགོས་ཟེར། དགུང་མ་ཞིག་ལ་ཁེ་ཝོན་གྱིས་ང་ཁོའི་ཁང་བའི་ནང་ལ་ཡོང་ནས་ཁོའི་སྟེང་ལ་ང་སྣུམ་ཕུར་དགོས་ཟེར། དེ་ནས་ཁོས་ང་ལ་ཐུབ་ཚོད་བྱས། ངོ་མ་སྡུག་ནི་ཞིག་ཡིན། ང་ལ་སྡུག་བསྔལ་དང་གནོད་འཚེ་མང་པོ་བཟོས། ངས་སློབ་འཚམས་འཇོག་བསམ་ཡང་ཡིན་ན་ཡང་ངའི་ཁྱིམ་ཚང་གིས་ངའི་སློབ་དངུལ་དང་འཚོ་བའི་འགྲོ་གྲོན་སོགས་སྟེར་དཀའ་བས་སློབ་འཚམས་མ་བཞག། ཐེངས་ཤིག་ཁེ་ཝོན་གྱིས་ང་ལ་འཁྲིག་སྤྱོད་བྱེད་སྐབས། ཁོའི་ཁ་པར་གྱི་སྒྲ་གྲགས་བྱུང་། ཁོས་ཁ་པར་གྱི་སྒོ་བརྒྱབ་ནས་མུ་མཐུད་དུ་འཁྲིག་སྦྱོད་བྱས་པ་རེད།
*གསལ་བཤད་ཡི་གེ།
གོང་གི་བདེན་དཔང་ཚིག་ཐོ་འདི་དག་ནི་ཉིས་སྟོང་བཅུ་ནས་ཉིས་སྟོང་བཅུ་བདུན་བར་ང་ཚོ་མི་འགའ་ཡིས་ཁ་པར་དང་དྲ་ལམ་གཞན་ད་དུང་ངོ་ཐུག་ནས་ཁ་བརྡ་བྱས་ནས་བསྡུ་ལེན་བྱས་པ་ཡིན། ཚིག་ཐོ་འདི་དག་གི་ཞིབ་ཆ་ཁ་ཤས་ཕར་ཚུར་ལ་ཅུང་སྡེབ་ནས་ཡི་གེར་ཕབ་པ་ཡིན། དེ་ལྟར་བྱས་པའི་རྒྱུ་མཚན་ནི་གནོད་འཚེ་ཕོག་པའི་མིའི་ངོས་འཛིན་བརྩི་སྲུང་བྱེད་ཆེད་དང་ཡང་བསྐྱར་ཁོ་ཚོར་སེམས་ཀྱི་ན་ཟུག་མི་བཟོ་བའི་ཆེད་ཡིན། གནོད་འཚེ་ཕོག་པའི་མིའི་ངོས་འཛིན་བྱེད་ཀྱི་གནས་ཚུལ་ཡེ་གེར་ཕབ་མེད། མི་གཅིག་གི་བདེན་དཔང་ཚིག་ཐོ་དུམ་བུ་ཁ་ཤས་བཟོས་པ་ཡང་ཡོད། གང་ཟག་གི་མིང་ཚབ་ཡང་དཔེར་ན་ང་ཁོ་ལ་བསྒྱུར་བ་ཡང་ཡོད། ཡིན་ན་ཡང་། བདེན་དཔང་ཚིག་ཐོ་འདི་དག་གི་སྤྱི་སྙིང་ལ་འགྱུར་བ་ཅི་ཡང་བཏང་མེད་དོ།